Pel Nalendra Dharma Atiling Shedra
Contact information, map and directions, contact form, opening hours, services, ratings, photos, videos and announcements from Pel Nalendra Dharma Atiling Shedra, Health/Beauty, Zhemgang Dzongkhag, Thimphu.
28/04/2025
27/04/2025
02/03/2025
༼གཏེར་སྟོན་ཆེན་པོ་པདྨ་གླིང་( 1450 -1521 )པའི་རྣམ་ཐར་གསོལ་འདེབས་བསྡུས་པ་ཞལ་གསུང་མ། ༽
༄༅། །ཨེ་མ་ཧོ། ཀུན་བཟང་རྡོར་སེམས་དགའ་རབ་ཤྲཱི་སིང་། །ཨོ་རྒྱན་པདྨ་ཡེ་ཤེས་མཚོ་རྒྱལ་དང་། །བརྒྱུད་པ་དྲུག་ལྡན་རིམ་བརྒྱུད་པདྨ་གླིང་། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །པདྨའི་སྨོན་ལམ་ཐུགས་རྗེས་རབ་བསྐུལ་ནས། །ཆོས་རྒྱལ་སྲས་མོ་ལྷ་ལྕམ་པདྨ་གསལ། །སྐྱེ་བའི་མཐའ་མ་རྒྱལ་སྲས་པདྨ་གླིང་། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །མོན་ཡུལ་མི་ཁོམ་སྙིང་རྗེའི་ཡུལ་དབུས་སུ། །ཡབ་ཡུམ་མངལ་འཁྲུངས་སྐུ་ཡི་དཀྱིལ་འཁོར་རྒྱས། །སྐུ་ལ་མཚན་སྤྲས་རྒྱལ་སྲས་པདྨ་གླིང་། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཉི་ཤུ་རྩ་བདུན་སྟོན་ཟླ་ར་བའི་ཉར། །མཁའ་འགྲོའི་ལུང་བསྟན་སྣ་རིང་བྲག་ལོགས་ནས། །ཨོ་རྒྱན་ཟབ་གཏེར་བརྙེས་མཛད་པདྨ་གླིང་། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཟབ་དགུའི་གཏེར་གནས་མ་ལུས་ཐམས་ཅད་ནས། །གདུལ་བྱའི་དབང་གིས་ཟབ་གཏེར་ཀུན་བླངས་ཤིང་། །འགྲོ་རྣམས་འདྲེན་མཛད་རྒྱལ་སྲས་པདྨ་གླིང་། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྐུ་གསུང་ཐུགས་ཀྱི་མཛད་པ་དེ་ཉིད་ནི། །ཞབས་རྗེས་བཞག་དང་ཉམས་དབྱངས་རྒྱང་གླུ་ལེན། །ཆོས་དབྱིངས་འགྱུར་མེད་རྒྱལ་སྲས་པདྨ་གླིང་། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གར་བཞུགས་གནས་རྣམས་མ་ལུས་ཐམས་ཅད་དུ། །དབང་དང་ཆོས་འབྲེལ་སུས་ཐོབ་ལམ་སྣ་འདྲེན། །སྙིགས་མའི་འགྲོ་མགོན་རྒྱལ་སྲས་པདྨ་གླིང་། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རྒྱལ་བའི་རྣམ་སྤྲུལ་རྒྱལ་སྲས་པདྨ་གླིང་། །བདག་འདྲའི་རྗེས་འཇུག་སྐྱབས་མེད་སེམས་ཅན་ལ། །དུས་གསུམ་རྟག་ཏུ་ཐུགས་རྗེས་བཟུང་ནས་ཀྱང་། །ཀ་དག་གདོད་མའི་དབྱིངས་སུ་གྲོལ་བར་ཤོག །ཨེ་མ་བདག་དང་འགྲོ་བ་མ་ལུས་ཀུན། །ཨེ་མ་དཔལ་ལྡན་བླ་མའི་ཐུགས་རྗེ་ཡིས། །ཨེ་མ་ལམ་གྱི་རྩོལ་བ་མི་དགོས་ཤིང་། །ཨེ་མ་བླ་མེད་སངས་རྒྱས་མྱུར་ཐོབ་ཤོག །
27/02/2025
གསལ་བསྒྲགས།
27/02/2025
ཟླ་བ་དང་པའི་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ་ལགས།།
25/02/2025
པད་གླིང་ཡབ་སྲས་གསུམ་ལ་ཕྱག་འཚལ་ལོ།།
21/02/2025
༼ དཔལ་མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་. བསུ། ༽
༈ འབྲུག་གི་སྤྱི་ནོར་དམ་པ་ དཔལ་མི་དབང་མངའ་བདག་རིན་པོ་ཆེ་འཇིགས་མེད་གེ་སར་རྣམ་རྒྱལ་མཆོག་དགུང་ལོ་༤༥་བཞེས་པའི་སྐུའི་འཁྲུངས་སྐར་གྱི་ཉིནམ་ལུ་ ༸སྐྱབས་རྗེ་སྒང་སྟེང་རིན་པོ་ཆེ་མཆོག་གིས་གཙོས་ང་བཅས་དཔལ་ན་ལེནྡྲ་དྷརྨ་ཨ་ཏི་གླིང་གཞི་རིམ་བཤད་གྲྭའི་འདུས་སྤྱི་ཡོངས་ཀྱིས་མི་དབང་མཆོག་སྐུ་ཚེ་བྲག་ལས་བརྟན། མཛད་འཕྲིན་ཉི་ཟླ་ལྟར་མཉམ། ཐུགས་ཀྱི་བཞེད་དགོངས་ཚུ་འབད་མེད་ལྷུན་གྱིས་གྲུབ་བཅུག་ཟེར་བའི་སྨོན་འདེབས་གྲངས་མེད་ཕུལཝ་ཨིན།
On this auspicious occasion of His Majesty the Druk Gyalpo Jigme Khesar Namgyal Wangchuck's 45th birth anniversary, His Holiness Gangteng Rinpoche and we, The PEL NALENDRA DHARMA ATILING ZHERIM SHEDRA , wish His Majesty a long life, a reign as luminous as the sun and moon, and the spontaneous fulfillment of all his wishes.
17/12/2024
རྒྱལ་བ་ཀུན་གྱི་སྙིང་བརྩེ་གཅིག་བསྡུས་གཟུགས།།
མི་ཡི་གར་བསྒྱུར་འགྲོ་ལ་ཕན་བདེ་སྐྲུན།།
ལྷག་ཏུ་སྨན་ལྗོངས་འབྲུག་ཡུལ་སྐྱབས་མགོན་ཆེ།།
ཨོ་རྒྱན་རྒྱལ་ཚབ་འཁྲུངས་སྐར་དགའ་བས་བསུ།།
ལྷག་བསམ་དག་མའི་ཟོ་ལ།།
དད་པའི་འོ་ཞོ་བླུགས་ཡོད།།
དྲན་པའི་སོར་མོའི་བཏེགས་ནས།།
སྐུ་ཡི་འཁྲུངས་སྐར་བསུས་ཡོད།།
HAPPY BIRTHDAY TO HH GANGTENG CHABGOEN
11/12/2024
Click here to claim your Sponsored Listing.
Category
Website
Address
Zhemgang Dzongkhag
Thimphu
34103
